Green Book Contribution PDF Print E-mail
Green Book Circular‏ in Tibetan
 
 

 

 

Why Green Book- Chatrel?

 

  • Political Statement

Every Tibetan residing outside Tibet should be proudly holding a Green Book, as gesture of rendering legitimacy to the exile government headed by His Holiness the Dalai Lama. China has been systematically and methodically destroying the traces of Tibetan race, culture, tradition, language and religion in Tibet. The Tibetan Government in Exile is trying to undo what China has done in Tibet. The unique Tibetan culture, tradition, language, and religion are now thriving in exile. To show stern defiance to the China's illegal occupation of Tibet, everyone has to show their unreserved political support to our government.

  • Financial Support

Chatrel money is the most significant source of money for the government, as it comes directly from our own people. Our government feels comfortable using the Chatrel money since it is not handed down to us by some foreign donors. Right now, the total Chatrel contribution from all Tibetans combined constitutes roughly 25% of the total yearly government expenses. Obviously, the rest of expenses have to be met through the outside donors and benefactors. Unfortunately, the over reliance on the outside sources for money has an element of uncertainty; the money that is available today may or may not be there next year. However, the expenses of the government are not only there every year but ever increasing, as it is playing more and more active roles in the welfare of Tibetans in India and Nepal. If every Tibetans pays their Chatrel regularly, the government would be less dependent on foreign contributors. Tibetans living in western countries pay an important role in the Chatrel contribution because of the foreign currencies conversion strength. Tibetans in US are the important source of Chatrel as US has one of the largest Tibetans populations outside India and Nepal. With all your support and dedication, we can strengthen the financial position of the government and make it self-sustaining robust institution.

You can pay your Membership and Green Book contribution either by cash or cheque made payable to "Tibetan Community in Britain". However, we strongly encourage you to set up the Standing Order for your contribution from now and the future. For details, please visit: www.tibetancommunityuk.org

If you need any further information on Green Book and TCB membership, please do not hesitate to contact Mr Jigme Namgyal on 07824 697197, e-mail: This e-mail address is being protected from spambots. You need JavaScript enabled to view it

 

ཕྱི་ལོ་༡༩༥༩ལོར་རྒྱ་དམར་གྱི་དྲག་པོའི་བཙན་འཛུལ་རྗེས་བོད་དུ་དུས་འགྱུར་མི་བཟད་པ་བྱུང་བའི་ཉེར་ལེན་ལ་བརྟེན་ནས་བོད་མིའི་ཆོས་སྲིད་ཡོངས་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་། དེ་ཡང་༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་རྒྱུའི་རྒྱུ་མཚན་གཙོ་བོ་ནི་བོད་མི་རིགས་ཀྱི་རང་དབང་བསྐྱར་གསོའི་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་གནས་ཐབས་དང་། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་ཐབས་ཀྱི་ཆེད་དུ་ཡིན། ༧གོང་ས་མཆོག་གི་རྗེས་སུ་སྙེགས་པའི་བོད་མི་བཙན་བྱོལ་བ་ཁྲི་ཚོ་མང་པོའི་བདེ་སྡུག་གཟིགས་སྐྱོང་བྱེད་རྒྱུ་དང་། ལྷག་དོན་དུ་བོད་ཀྱི་རང་དབང་བསྐྱར་གསོ་ཐུབ་ཐབས་བཅས་ཀྱི་ཆེད་བོད་མིའི་ཁྲིམས་མཐུན་སྲིད་གཞུང་གི་རྒྱུན་མཐུད་བཙན་བྱོལ་བོད་གཞུང་བསྐྱར་འཛུགས་གནང་། ད་ཆ་མི་ལོ་བཞི་བཅུ་ཞེ་ལྔ་ལྷག་ཙམ་སོང་རྗེས་བོད་མི་སྐྱབས་བཅོལ་བ་རྣམས་ནི་འཛམ་གླིང་ཐོག་ཡོད་པའི་སྐྱབས་བཅོལ་སྤྱི་ཚོགས་ཀྱི་ཁྲོད་ནས་ཡར་རྒྱས་ཆེ་ཤོས་དང་། གཟེངས་སུ་ཐོན་པ་ཞིག་ཏུ་གྱུར་ཡོད། བཙན་བྱོལ་བོད་གཞུང་ནས་རྒྱལ་སྤྱིའི་ཐོག་ཁོར་ཡུག་དང་། འགྲོ་བ་མིའི་ཐོབ་ཐང་ཁག་ལ་སྲུང་སྐྱོབ། མང་གཙོའི་སྒྲིག་འཛུགས་སྲ་བརྟན་གོང་འཕེལ་བཅས་ཀྱི་ཐད་དོན་ཕན་ལྡན་པའི་ཆ་ཤས་བླངས་ཡོད་པ་ནི་དགའ་སྒོམ་འོས་པ་ཞིག་ཏུ་གྱུར་ཡོད། གྲུབ་འབྲས་དེ་དག་ནི་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་ལམ་ སྟོན་དང་། རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱབ་སྐྱོར། གཞན་ཡང་མང་གཙོའི་ལམ་སྲོལ་འོག་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བའི་སྲིད་གཞུང་སྲ་བརྟན་ཡོད་པ། གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་ཡོངས་ཀྱིས་འབད་བརྩོན་བྱས་པ་བཅས་ལ་བརྟེནནས་བྱུང་བ་ཡིན།

  • དང་བླང་དཔྱ་ཁྲལ་གྱི་རྒྱབ་ལྗོངས།

བཙན་བྱོལ་གཞུང་གི་སྒྲིག་འཛུགས་འདི་དག་ཕྲ་ཚུགས་སུ་གནས་ཐུབ་པར་བྱེད་པར་མེད་དུ་མི་རུང་བའི་ཆ་རྐྱེན་དུ་མ་ཞིག་ཡོད་པའི་ནང་ནས། དང་བླང་དཔྱ་ཁྲལ་འབུལ་བཞེས་ཀྱི་འགན་བྱེད་མཁན་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་འདི་ནི་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། དེ་ཡང་ཐོག་མར་ཕྱི་ལོ་༡༩༧༢ལོར་ཝྭརྭནསྭིར་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་བོད་མི་ཁག་ཅིག་ནས་བོད་མི་བཙན་བྱོལ་བའི་ཁྲོད་དུ་བོད་རང་དབང་བདེན་པའི་ལས་ལགུལ་ཚོགས་ཆུང་འཛུགས་རྒྱུའི་ལས་དོན་འགོ་འཛུགས་གནང་བ་དང་། དེ་རྗེས་ཕྱི་ལོ་༡༩༧༢ཟླ་༧ཚེས་༣༠ཉིན་བཞུགས་སྒར་རྡརྨཤྭལྭར་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་སྔོན་འགྲོའི་ཚོགས་འདུ་ཚོགས་སྐབས་བོད་མི་ཡོངས་ནས་དང་བླང་དཔྱ་ཁྲལ་འབུལ་ཕྱོགས་དང་འབྲེལ་བའི་གྲོས་ཆོད་ཁག་བཞག

༡༽ བོད་མི་རིགས་ཀྱི་ད་ལྟ་དང་མ་འོངས་པའི་བདེ་སྡུག་གནས་སྟངས་གཟིགས་ཐུབ་ཆེད་གཞུང་གི་སྒྲིག་འཛུགས་སྲ་བརྟན་ཞིག་དགོས་རྒྱུ་ནི་མེད་དུ་མི་རུང་བ་ཡིན། དེ་ཡང་དཔལ་འབྱོར་གནས་སྟངས་རང་ཚུགས་ཐུབ་པ་ཞིག་མེད་ཐབས་མེད་པར་བརྟེན། ཕྱི་ལོ་༡༩༧༢ཟླ་༨་ཚེས་༡ནས་འགོ་འཛུགས་ཀྱིས་བཙན་བྱོལ་བོད་མི་ཡོངས་ནས་མ་བསྐུལ་དང་བླང་གིས་དཔྱ་ཁྲལ་དང་། ཕོགས་ཡོད་རྣམས་ནས་ཕོགས་འབབ་བརྒྱ་ཆ་འབུལ་རྒྱུ།

༢༽ བཙན་བྱོལ་བོད་གཞུང་འདི་བཞིན་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཞིག་ཡིན་པར་ངོས་འཛིན་ཐོབ་པའི་ཆེད་དུ་བོད་མི་ཚང་མས་དང་བླང་གི་སྒོ་ནས་དཔྱ་ཁྲལ་འབུལ་རྒྱུ། གཞན་ཡང་བཙན་བྱོལ་བོད་གཞུང་ངོས་ལེན་ཡོང་རྒྱུར་མ་ཟད། དཔྱ་ཁྲལ་འབུལ་མཁན་ཚོས་ཀྱང་རང་ཉིད་བཙན་བྱོལ་བོད་གཞུང་གི་མངའ་ཁོངས་སུ་གཏོགས་པའི་ཁས་ལེན་བྱེད་ཆོག་པ་ཡོང་གི་ཡོད། རྒྱུ་མཚན་འདི་དག་ལ་བརྟེན་ནས་དང་བླང་དཔྱ་ཁྲལ་འབུལ་རྒྱུའི་ལས་འགུལ་འདིར་ཆབ་སྲིད་ཀྱི་གལ་གནད་ཡོད་སྟབས། བོད་མི་ཡོངས་ནས་དང་བླང་དཔྱ་ཁྲལ་འབུལ་རྒྱུ་དང་འབུལ་ཕྱོགས་སྒྲིག་གཞི་དང་འབུལ་འབབ་ཚད་གཞི་བཅས་ཚོགས་འདུ་དེའི་ཐོག་ནས་ཐག་གཅོད་བྱེད་རྒྱུ།

  • དང་བླང་དཔྱ་ཁྲལ་གྱི་ངོ་བོ།

ཕྱི་ལོ་༡༩༧༢ཕྱི་ཟླ་༧ཚེས་༣༠ཉིན་བོད་རང་དབང་བདེན་པའི་ལས་འགུལ་གྱི་སྔོན་འགྲོའི་ཚོགས་ཆེན་གྱིས་ཐག་གཅོད་གྲོས་ཆོད་ཇི་ལྟར་བཞག་པ་བཞིན་བཙན་བྱོལ་བོད་མིས་དང་བླང་གིས་འབུལ་བཞིན་པའི་དཔྱ་ཁྲལ་ལ་ཕྱི་ལོ༡༩༩༢ཕྱི་ཟླ་༤ཚེས་༡ཉིན་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་དང་བླང་དཔྱ་དངུལ་དང་བསྡུ་དངུལ་འབབ་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བ་གཞིར་བཟུང་བཙན་བྱོལ་བོད་མི་ཚང་མས་ཆད་མེད་འབུལ་དགོས་པའི་དཔྱ་དངུལ་ཡིན།

  • དང་བླང་དཔྱ་ཁྲལ་གྱི་དམིགས་ཡུལ་དང་དགོས་མཁོ།

དཔྱ་ཁྲལ་འབུལ་ཕྱོགས་ཀྱི་ཐོག་ནས་བཙན་བྱོལ་གཞུང་འདི་བཞིན་བོད་མི་རྣམས་ཀྱི་ངོས་འཛིན་མཚོན་ཐབས་དང་། དེ་བཞིན་རྒྱལ་སྤྱིའི་ནང་ལའང་༧གོང་ས་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་གཞུང་འདི་བཞིན་ཁྲིམས་མཐུན་གྱི་གཞུང་ཡིན་པར་ངོས་འཛིན་མཚོན་ཐབས། བཙན་བྱོལ་གཞུང་གི་དཔལ་འབྱོར་རྟག་ཏུ་གཞན་རྟེན་ཁོ་ནས་འཚོ་མ་དགོས་པར་བོད་མི་རང་གིས་རྒྱབ་སྐྱོར་ཡོད་པ་མཚོན་ཐབས། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་འདི་བཞིན་སྲ་བརྟན་གནས་ཐུབ་ཐབས། དང་བླང་དཔྱ་ཁྲལ་འབུལ་མཁན་རྣམས་བཙན་བྱོལ་བོད་མི་ཡིན་པར་ཁྲིམས་མཐུན་གྱི་ངོས་འཛིན་ཐོབ་ཐབས་བཅས་ཡིན།

  • བོད་ཀྱི་ཡུལ་མིའི་ཐོབ་ཐང་དང་ལས་འགན།

དང་བླང་དཔྱ་ཁྲལ་འབུལ་རྒྱུ་ནི་བོད་ཀྱི་ཡུལ་མིའི་ཐོབ་ཐང་ཞིག་ཡིན་པར་མ་ཟད། བཅའ་ཁྲིམས་སུ་གསལ་བའི་བོད་ཀྱི་ཡུལ་མིའི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་པའི་ཆེད་སྒྲུབ་འབུལ་དགོས་པའི་བོད་ཀྱི་ཡུལ་མིའི་ལས་འགན་གལ་ཆེ་བ་ཞིག་ཀྱང་ཡིན།

 

* You may need to download Himalaya Tibetan Font (add the font into C: Windows/Fonts) to view the Tibetan Articles!

 

Random Images

tibetmap.jpg

Event Advertisement

Polls

What do you think of the new website?
 

Hit Counter

Content View Hits : 832373